microelectrode
phys. A very small electrode, often used to study electrical characteristics of living cells and tissues. སྐྱེ་ལྡན་ཕྲ་ཕུང་དང་ཕུང་གྲུབ་ཀྱི་གློག་གཤིས་ལ་བརྟག་དཔྱད་བྱེད་པར་སྤྱོད་པའི་གློག་སྣེ་ཧ་ཅང་ཆུང་ཆུང་ཞིག
microevolution
biol. Evolutionary change within a species or small group of organisms, especially over a short period. ཉེ་རིགས་ཤིག་གམ་སྐྱེ་དངོས་ཀྱི་སྡེ་ཚན་ཆུང་ངུ་ཞིག་གི་ནང་དུ་དུས་ཡུན་ཐུང་ངུའི་རིང་ལ་བྱུང་བའི་འཕེལ་འགྱུར་ལ་ཟེར།
micrograph
phys. A photograph taken through a microscope or a drawing of an object as seen through a microscope. ཕྲ་མཐོང་ཆེ་ཤེལ་རྒྱུད་ནས་སྒྲོན་པའི་པར་རིས་སམ་ཡང་ན། ཕྲ་མཐོང་ཆེ་ཤེལ་རྒྱུད་ནས་མཐོང་བ་ལྟར་བྲིས་པའི་རི་མོ་ཞིག
micrometer
phys. 1. An instrument used with a telescope or microscope for measuring minute distances. 2. One millionth of a meter. ༡ བར་ཐག་ཕྲ་མོ་འཇལ་བའི་ཆེད་དུ་ཕྲ་མཐོང་ཆེ་ཤེལ་ལམ་རྒྱང་ཤེལ་གྱི་ནང་དུ་སྤྱོད་པའི་ཡོ་བྱད་ཅིག ༢ མི་ཊར་གཅིག་གི་ས་ཡ་ཆ་ཡི་གཅིག
micronutrient
biol. A substance, such as a vitamin or mineral, that is essential in minute amounts for the proper growth and metabolism of a living organism. སྐྱེ་དངོས་ཀྱི་འཚར་འཕེལ་དང་ནུས་སྒྱུར་བྱ་རིམ་རན་པོ་ཞིག་འབྱུང་བར་འབོར་ཚད་ཉུང་ངུ་ཞིག་ངེས་པར་དུ་མཁོ་བའི་འཚོ་བཅུད་དང་གཏེར་རྫས་ལྟ་བའི་དངོས་རྫས་ལ་གོ
microorganism
biol. An organism that can be seen only with the aid of a microscope. Microorganisms include bacteria, protozoans, and certain algae and fungi. ཕྲ་མཐོང་ཆེ་ཤེལ་ཁོ་ན་ལ་བརྟེན་ནས་མཐོང་ཐུབ་པའི་སྐྱེ་དངོས་ཤིག སྐྱེ་དངོས་ཕྲ་མོའི་ཁོངས་སུ་སྲིན་བུ་དང་གདོད་མའི་སྲོག་ཆགས། ཆུ་བལ་དང་ཧམ་ཤ་ཁག་ཅིག་གཏོགས་ཡོད།