འབྲི་ཀློག་འཆོལ་ཉེས།
neurosci. A condition in the brain that makes it hard for a person to read, write, and spell. གང་ཟག་ཅིག་གིས་ཡི་གེ་ཀློག་པ་དང། འབྲི་བ། དག་སྐྱོར་བྱེད་པ་བཅས་ལ་དཀའ་ངལ་སྐྲུན་པར་བྱེད་པའི་ཀླད་པའི་ནང་གི་འཁྲུག་སྐྱོན་ཞིག
འབྲུམ་པ།
biol. A serious infectious disease (now extremely rare) that causes fever, leaves permanent marks on the skin, and often causes death. ཚ་བ་རྒྱས་པ་དང། པགས་པའི་སྟེང་དུ་རྨ་རྗེས་གཏན་འཇགས་སུ་འཇོག་པ། སྐབས་མང་པོར་འཆི་སྐྱོན་སྐྲུན་པར་བྱེད་པའི་ཚབས་ཆེའི་གཉན་ཁའི་ནད་ཅིག་ (དེང་གི་ཆར་ཧ་ཅང་དཀོན་) ལ་ཟེར།