འཕྲོ་ཤུགས།
phys. The intensity of light emitted from a surface per unit area in a given direction. ངོས་ཤིག་གི་རྒྱ་ཁྱོན་གྲུ་བཞི་མ་རེ་རེ་ནས་ཁ་ཕྱོགས་ངེས་ཅན་ཞིག་ལ་འཕྲོས་ཡོང་བའི་འོད་ཀྱི་བཀྲག་ཤུགས།
འཕྲོད་བསྟེན་ལྟ་སྐྱོང།
biol. The organized provision of medical care to individuals or a community. གང་ཟག་སྒེར་བའམ་ཚོགས་སྡེ་ཞིག་ལ་མཁོ་སྤྲོད་བྱས་པའི་སྒྲིག་འཛུགས་རང་བཞིན་ལྡན་པའི་སྨན་བཅོས་ལྟ་སྐྱོང་ལ་གོ
འཕུར་གོས། གཤོག་གོས།
phys. A type of skydiving suit with fabric under the arms and between the legs, enabling the wearer to reduce his or her rate of fall ལག་པའི་འོག་དང་རྐང་པའི་དབར་དུ་རས་ཆ་དང་ལྡན་པའི་གནམ་མཆོང་གྱོན་གོས་ཀྱི་རིགས་ཤིག་ལ་གོ་ཞིང་། གྱོན་མཁན་གྱི་མར་ལྷུང་བའི་འགྲོས་ཚད་ཇེ་དལ་དུ་གཏོང་།
འཕུར་འཁོར།
phys. A wheel with a heavy rim that when revolving can either reduce speed fluctuations in the rotation of an engine or store energy མཐའ་ལྕགས་ལྕི་བའི་འཁོར་ལོ་ཞིག་ལ་གོ་ཞིང་། འཁོར་ལོ་འདི་སྐོར་བ་རྒྱག་སྐབས་འཕྲུལ་འཁོར་ཞིག་གི་རང་འཁོར་གྱི་མགྱོགས་ཚད་ཀྱི་འཕར་ཆག་གི་ཚད་ཇེ་ཆུང་དུ་གཏོང་བའམ། ཡང་ན་ནུས་པ་གསོག་ཉར་བྱེད་ཀྱི་ཡོད།
འཕེན་གཟུགས།
phys. Any object that moves through the air or through space, acted on only by gravity (and air resistance, if any). འཐེན་ཤུགས་ཀྱི་ཤུགས་རྐྱེན་ (དང་རླུང་གི་འགོག་ཤུགས་) ཁོ་ནར་བརྟེན་ནས་རླུང་ཁམས་སམ་མཁའ་དབྱིངས་སུ་བགྲོད་པའི་དངོས་པོ་གང་ཡང་རུང་བ་ཞིག།
འཕེལ་བའི་ཐེ་ཞུགས།
phys. Combination of waves so that two or more waves overlap to produce a resulting wave of increased amplitude. See also interference. རླབས་གཉིས་སམ་དུ་མ་གཅིག་ཐོག་གཅིག་རྩེག་བྱས་ཏེ་ཟླ་སྒྲིལ་བ་བརྟེན་ནས་འདར་དཔངས་ཆེ་བའི་རླབས་ཤིག་བསྐྲུན་པ་ལ་ཟེར། ཐེ་ཞུགས་ལ་གཟིགས་རོགས།