Encyclopedia

འཕྲེད་རླབས།

phys. Wave with vibration at right angles to the direction the wave is traveling. Light consists of transverse waves. རླབས་ཀྱི་འདར་འགུལ་ནི་རླབས་ཀྱི་འགུལ་སྐྱོད་ཀྱི་ཁ་ཕྱོགས་དང་དྲང་འཕྱང་ཡིན་པའི་རླབས། འོད་ནི་འཕྲེད་རླབས་ཀྱིས་གྲུབ་པ་ཡིན།

By wisdmlabs |
DETAIL

འཕྲོ་གཏོང་ནུས་ཚད།

phys. The ratio of the power per unit area radiated by a surface to that radiated by a black body at the same temperature. དྲོད་ཚད་གཅིག་པ་ཞིག་གི་ཐོག་ཏུ། ངོས་ཞིག་གིས་རྒྱ་ཁྱོན་གྲུ་བཞི་མ་རེ་ནས་གློད་པའི་སྟོབས་དང་། ནག་གཟུགས་ཤིག་གིས་རྒྱ་ཁྱོན་གྲུབ་བཞི་མ་རེ་ནས་གློད་པའི་སྟོབས་གཉིས་ཀྱི་བསྡུར་ཚད།

By wisdmlabs |
DETAIL

འཕྲོ་ཚད།

phys. The total amount of energy produced by a star in one second ནམ་མཁའི་སྐར་མ་ཞིག་གིས་དུས་ཡུན་སྐར་ཆ་གཅིག་གི་ནང་དུ་བསྐྲུན་པའི་ཁྱོན་སྡོམ་གྱི་ནུས་པ་ལ་གོ

By wisdmlabs |
DETAIL

འཕྲོ་ཟེར།

phys. Thin beam of light. Also, lines drawn to show light paths in optical ray diagrams. འོད་ཀྱི་ཉག་མ་ཕྲ་མོ། གཞན་འོད་རིག་གི་དཔེ་རིས་སུ་འོད་ཀྱི་རྒྱུ་ལམ་མཚོན་བྱེད་དུ་བྲིས་པའི་ཐིག

By wisdmlabs |
DETAIL

འཕྲོ་ཤལ། (འཕྲོས་བའི་འོད་ཤལ།)

phys. Distribution of wavelengths in the light from a luminous source. འོད་ཀྱི་འབྱུང་ཁུངས་ཤིག་ནས་འཕྲོས་པའི་འོད་ཟེར་གྱི་རླབས་ཐག་གི་ཁྱབ་ཚུལ།

By wisdmlabs |
DETAIL
TOP