basilar membrane
biol. A membrane in the cochlea that bears the organ of Corti. རྣ་ལྗོན་ནང་གི་ཁོར་ཊིའི་དབང་པོ་གནས་སའི་སྐྱི་མོ་ཞིག
battery
phys. A combination of two or more electric cells capable of storing and supplying direct current by electrochemical means. གློག་བརྟེན་རྫས་སྦྱོར་གྱི་ཐབས་ལམ་ལ་བརྟེན་ནས་ཐད་རྒྱུག་གློག་རྒྱུན་ཉར་ཚགས་བྱེད་པའམ་མཁོ་སྤྲོད་བྱེད་པའི་མཐུ་ནུས་དང་ལྡན་པའི་གློག་རྫས་གཉིས་སམ་གཉིས་ལས་མང་བ་ལྷན་དུ་སྦྲེལ་བ་ཞིག་ལ་གོ
beat
phys. Sequence of alternating reinforcement and cancellation of two sets of superimposed waves different in frequency, heard as a throbbing sound. ཟློས་ཕྱོད་མི་འདྲ་ཞིང་སྣོལ་རྩེག་ཐེབས་པའི་རླབས་སྡེ་ཚན་གཉིས་ཀྱིས་ཕན་ཚུན་རེས་མོས་ཀྱི་སྒོ་ནས་སྤེལ་རེས་དང་འཇོམས་རེས་བྱེད་པའི་རྒྱུད་རིམ་ལ་བརྟེན་ནས་རྡིག་སྒྲ་ལྟར་གོ་བ་ཞིག་ལ་ཟེར།
beaver fever
biol. An infectious disease caused by drinking water that has been contaminated by wildlife རི་སྐྱེས་སྲོག་ཆགས་ཀྱིས་སྦག་བཙོག་བཟོས་པའི་ཆུ་འཐུང་བ་ལ་བརྟེན་ནས་བྱུང་བའི་གཉན་ཁའི་ནད་ཅིག